八宿县人民政府关于执行汛期河道采砂禁采期的公告(双语版)
2026年06月10日 10时13分
【字体:大 中 小】
【打印本文】
为切实做好汛期河道安全管理工作,保障行洪安全、堤防安全、涉水工程安全及人民群众生命财产安全,严厉打击汛期非法采砂、违规涉砂行为,根据《中华人民共和国水法》《中华人民共和国防洪法》《中华人民共和国河道管理条例》《西藏自治区河道采砂管理办法》《昌都市河道采砂管理条例》等法律法规,现就执行县域河道采砂禁采期有关事宜公告如下:
一、河道采砂禁采时间段
2026年6月15日至2026年9月30日。
二、禁采范围
八宿县行政区域内所有河道、天然水域及河道管理范围,全域全时段执行禁采规定。
(二)各乡(镇)履行属地管理责任。县农业农村和科技水利局联合县公安局、检察院、交通运输局、自然资源与林草局、市场监督管理局、市生态环境局八宿县分局等部门,开展不定期、不定时河道巡查,对违反本公告规定,在禁采期、禁采区内进行采砂作业的单位和个人,依据相关法律法规进行查处。
(三)禁采期内,所有采砂机具一律停止作业,撤出河道管理范围。
(四)禁采期内,各砂场已开采的原砂禁止堆积在河道管理范围线内,否则将依法严处。
(五)各级河长要严格履行河湖长制工作责任及汛期防汛责任,加强河道日常巡查频次、强化重点河段动态管控,常态化排查整治非法采砂隐患,从严查处各类非法采砂行为,坚决杜绝汛期违规采砂作业,全力守住河道行洪安全底线。
四、监督举报
广大干部群众要增强法律意识,自觉抵制汛期河道乱采乱挖等违法行为,积极参与河道保护和监督工作。并欢迎对违反本公告规定的行为进行举报。
举报电话:八宿县农业农村和科技水利局0895-4562214
举报地址:八宿县白玛上街6号县农业农村和科技水利局
本公告自发布之日起施行。
八宿县人民政府
2026年6月10日
༄༅། །དཔའ་ཤོད་རྫོང་མི་དམངས་སྲིད་གཞུང་གིས་འབྲུབ་ཆུ་རྒྱས་པའི་དུས་ཀྱི་ཆུ་ལམ་ནས་བྱེ་མ་སྔོག་འདོན་བཀག་སྡོམ་བྱེད་པའི་དུས་ཚོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
འབྲུབ་ཆུ་རྒྱས་པའི་དུས་ཀྱི་ཆུ་ལམ་བདེ་འཇགས་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་ཆུ་ལོག་རྒྱུག་ཁུལ་གྱི་བདེ་འཇགས་དང་། ཆུ་རགས་ཀྱི་བདེ་འཇགས། ཆུ་འབྲེལ་ལས་གྲྭའི་བདེ་འཇགས་བཅས་དང་།དེ་བཞིན་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་པ་དང་།འབྲུབ་ཆུ་རྒྱས་པའི་དུས་སུ་ཁྲིམས་འགལ་གྱིས་བྱེ་འདོན་དང་སྒྲིག་འགལ་གྱིས་བྱེ་མ་དང་འབྲེལ་ཡོད་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་ཆེད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས་>>དང་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལོག་སྔོན་འགོག་སྐོར་གྱི་བཅའ་ཁྲིམས་>><<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལམ་དོ་དམ་སྲོལ་ཡིག་>><<བོད་རང་སྐྱོང་ལྗོངས་ཀྱི་ཆུ་ལམ་བྱེ་འདོན་དོ་དམ་བྱ་ཐབས་>><<ཆབ་མདོ་གྲོང་ཁྱེར་གྱི་ཆུ་ལམ་བྱེ་འདོན་དོ་དམ་སྲོལ་ཡིག་>>སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ད་ལྟ་རྫོང་ཁོངས་ཀྱི་ཆུ་ལམ་བྱེ་འདོན་བཀག་སྡོམ་དུས་ཚོད་ལག་བསྟར་བྱ་རྒྱུའི་འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག །ཆུ་ལམ་དུ་བྱེ་འདོན་བཀག་སྡོམ་དུས་ཚོད།
2026ལོའི་ཟླ་6ཚེས་15ཉིན་ནས་2026ལོའི་ཟླ་9ཚེས་30ཉིན་བར།
གཉིས། སྔོག་འདོན་བཀག་སྡོམ་བྱེད་ཁོངས།
དཔའ་ཤོད་རྫོང་གི་སྲིད་འཛིན་ས་ཁོངས་ནང་གི་ཆུ་ལམ་དང་།རང་བྱུང་ཆུ་ཁོངས།དེ་བཞིན་ཆུ་ལམ་དོ་དམ་ཁྱབ་ཁོངས་། ས་ཁོངས་ཡོངས་དང་དུས་མཚམས་ཡོངས་སུ་སྔོག་འདོན་གཏན་འགོག་གི་ལག་བསྟར་གཏན་འབེབས།
གསུམ། སྔོག་འདོན་བཀག་སྡོམ་གྱི་བླང་བྱ།
(གཅིག་)སྔོག་འདོན་བཀག་སྡོམ་དུས་ཡུན་ནང་སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་རྣམ་པ་གང་རུང་གི་ཐོག་ནས་ཆུ་ལམ་དོ་དམ་བྱེད་ཁོངས་སུ་བྱེ་མ་དང་ས་རྡོ་སྔོག་འདོན་དང་།བྱེ་མ་བཀྲུ་བ་སོགས་ཀྱི་ལས་ཀ་བྱས་མི་ཆོག ། བྱེ་འདམ་གཙང་གཤོང་དང་། ལས་གྲྭ་འཛུགས་སྐྲུན།སྐྱེ་ཁམས་སླར་གསོ་སོགས་ཀྱི་མིང་གཡར་ནས་བྱེ་མ་སྔོག་འདོན་བྱེད་རིགས་གཏན་འགོག་བྱ་དགོས།
(གཉིས།) ཤང་(གྲོང་རྡལ་)ཁག་གིས་ཁོངས་གཏོགས་ས་ཆའི་དོ་དམ་འགན་བསྒྲུབ་བྱེད་དགོས་ཤིང་། རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད་ཀྱིས་རྫོང་སྤྱི་བདེ་ཅུད་དང་།ཞིབ་དཔྱོད་ཁང་།འགྲིམ་འགྲུལ་སྐྱེལ་འདྲེན་ཅུད།རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད།ཚོང་རའི་ལྟ་སྐུལ་དོ་དམ་ཅུད།གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུད་དཔའ་ཤོད་རྫོང་ཡན་ལག་ཅུད་སོགས་སྡེ་ཁག་དང་མཉམ་འབྲེལ་ཐོག་ནས། དུས་ངེས་མེད་དང་དུས་ཚོད་ངེས་མེད་ཀྱི་ཆུ་ལམ་ལ་སྐོར་ཞིབ་བྱས་ཏེ། སྤྱི་བསྒྲགས་འདིའི་གཏན་འབེབས་དང་འགལ་ཏེ་སྔོག་འདོན་བཀག་སྡོམ་དུས་ཡུན་དང་བཀག་སྡོམ་བྱེད་ཁུལ་ནང་བྱེ་འདོན་བྱེད་མཁན་གྱི་སྡེ་ཚན་དང་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱེད་དགོས།
(གསུམ།)སྔོག་འདོན་བཀག་སྡོམ་དུས་ཡུན་ནང་བྱེ་འདོན་འཕྲུལ་ཆས་དང་ཡོ་བྱད་ཡོད་ཚད་ལས་མཚམས་བཞག་ནས་ཆུ་ལམ་དོ་དམ་བྱེད་ཁོངས་ནས་ཕྱིར་འཐེན་བྱེད་དགོས།
(བཞི།)སྔོག་འདོན་བཀག་སྡོམ་དུས་ཡུན་ནང་བྱེ་འདོན་བྱས་ཟིན་པའི་དེ་སྔའི་བྱེ་མ་དེ་ཆུ་ལམ་དོ་དམ་ཁྱབ་ཁོངས་སུ་སྤུངས་མི་ཆོག་པ་དང་དེ་ལས་འགལ་ཚེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས།
(ལྔ།)རིམ་ཁག་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་འགན་འཁྲི་དང་འབྲུབ་ཆུ་རྒྱས་པའི་དུས་ཀྱི་འབྲུབ་ཆུ་སྔོན་འགོག་གི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ།ཆུ་ལམ་ལ་རྒྱུན་ལྡན་གྱི་སྐོར་ཞིབ་མང་ཙམ་བྱེད་དགོས་པ་དང་།གཙོ་གནད་ཆུ་དུམ་གྱི་འགུལ་རྣམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་བྱེད་པའི་མངོན་མེད་རྐྱེན་ངན་ལ་རྒྱུན་རྣམ་ཅན་གྱི་གྲལ་བཤེར་བཅོས་སྒྲིག་བྱེད་པ། ཁྲིམས་འགལ་ངང་བྱེ་རྡོ་སྔོག་རྒྱས་དུས་སྒྲིག་འགལ་ངང་བྱེ་རྡོ་སྔོག་འདོན་བྱེད་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཆུ་ལམ་གྱི་འབྲུབ་འགོག་བདེ་འཇགས་ཀྱི་མཐའ་ཚད་ནུས་ཤུགས་ཡོད་རྒུས་སྲུང་དགོས།
བཞི། ལྟ་སྐུལ་ཐེར་འདོན།
རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་འབྲུབ་ཆུ་རྒྱས་པའི་དུས་ཀྱི་ཆུ་ལམ་གང་བྱུང་དུ་སྔོག་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་རང་རྟོགས་ངང་བཀག་འགོག་བྱས་ཏེ་ཆུ་ལམ་སྲུང་སྐྱོང་དང་ལྟ་སྐུལ་ལས་དོན་ནང་ཧུར་ཐག་ཞུགས་དགོས་པ་མ་ཟད།སྤྱི་བསྒྲགས་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་ཐེར་འདོན་གོང་ཞུ་བྱེད་པར་དགའ་བསུ་ཞུ།
ཐེར་འདོན་ཁ་པར། དཔའ་ཤོད་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད།
0895-4562214
ཐེར་འདོན་ས་གནས། དཔའ་ཤོད་རྫོང་པད་མ་སྲང་ལམ་ཨང་6པ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད།
སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
དཔའ་ཤོད་རྫོང་མི་དམངས་སྲིད་གཞུང་།
2026ལོའི་ཟླ་6ཚེས་10ཉིན།
扫一扫在手机打开当前页
相关信息
微信
微博



